དྲིན་ཅན་ཕམ་གཉིས་ཁོ་ཐག་མ་ཆོད།།
རིན་ཆེན་གསེར་དང་འདྲ་བའི།། བདག་གི་དྲིན་ཅན་ཕམ་གཉིས།།
གཡུས་བཟང་ཁྲ་མོའི་ནང་ལུ།། སྐུ་ཁམས་བཟང་པོ་ཡོད་གམ།།
དྲིན་ཅན་ཡབ་ཡུམ་གཉིས་ཀུ།། ཚེ་རབས་ཐོག་མའི་དུས་ནས།།
བུ་ཆུང་ཕངས་མར་ལེན་པ།། འཛོམས་པ་ཚེ་སྔོན་འཕྲོ་མས།།
སྔ་མས་ཚོགས་བསགས་འབྲས་བུ།། དགེ་བ་ཕུན་སུམ་ཚོགས་པ།།
ཚེ་འདིར་ད་ལྟོའི་སྐྱེས་བ།། ལན་ཅིག་འཛོམས་པ་དགའ་སོང་།།
བདག་ལ་གཅེས་པར་འཛིན་པ།། སྙིང་ནས་ཐུགས་ཀྱི་བརྩེ་བ།།
བུ་ཆུང་ཉིན་མཚན་མེད་པར།། བསྐྱངས་བ་བཀྲིན་ཆེ་སོང་།།
གཞོན་ནུ་ལོ་ན་སྦོམ་པ།། ཡབ་ཡུམ་སྐུ་ཚེ་རྒསཔ་མས།།
ཕྱག་ཕྱིད་གང་དྲག་ཞུ་ནི།། བུ་ཆུང་འགན་ཁུར་འབག་གེ།
དྲིན་གྱི་ལེགས་པར་སྐྱོངས་བས།། བརྩེ་བས་དྲིན་ཅན་ཕམ་གཉིས།།
སྐུ་ལ་བསྙུང་གཞི་མེད་པར།། སྐུ་ཚེ་བརྟེན་ལས་རིངས་བཅུག།
བློ་སེམས་བདེ་བར་མཆིས་བས།། དཀོན་མཆོག་སྨོན་ལམ་བཏབ་གེ།
No comments:
Post a Comment